From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚུལ་ཁྲིམས་འཆལ་བ
|
Tibetan Definition
|
(འདུལ་བ) <དུཿཤཱི་ལ> 1 ཚུལ་ཁྲིམས་སྐྱོན་ཅན། ཚུལ་ཁྲིམས་ཉམས་པའམ་རྒུད་པ་ལ་ཟེར། སྐད་དོད་དེ་བྱེ་བྲག་རྟོགས་བྱེད་ཆེན་པོ་༤༧ན༦ན་གསལ་ལོ། །སྤྱིར་ཚུལ་ཁྲིམས་འཆལ་བ་དང་། འཆལ་བའི་ཚུལ་ཁྲིམས་གཉིས་དོན་གཅིག་ལྟ་བུར་སྣང་ཡང་། ཞིབ་ཏུ་དཔྱད་ན་ཁྱད་པར་ཕྲ་མོ་ཞིག་ཡོད་པ་འདི་ལྟར། ཚུལ་ཁྲིམས་འཆལ་བ་ནི་ཚུལ་ཁྲིམས་ཉམས་པའི་གང་ཟག་ལའང་གོ་ལ། འཆལ་བའི་ཚུལ་ཁྲིམས་ནི་ཉམས་པའི་ཚུལ་ཁྲིམས་མ་གཏོགས་གང་ཟག་ལ་མི་གོ་བའི་ཕྱིར་རོ། །2 ཕམ་པའི་ལྟུང་བ་བྱུང་བ་ལ་ཟེར། ཞིབ་ཏུ་བཤད་ན། འདུལ་བའི་གཞུང་རྣམས་སུ་སྐབས་མང་པོར་ཚུལ་ཁྲིམས་འཆལ་བ་ཞེས་འབྱུང་བ་ནི། རང་འགར་ལྟུང་བ་ཕྲན་ཚེགས་ཀྱིས་གོས་པ་ལྟ་བུ་ལ་མི་ཟེར་གྱི། ཕམ་པའི་ལྟུང་བ་བྱུང་བ་ལ་ཟེར་རོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་༼ ཙུ ༽༢༩༦བ༥ལས། ཚུལ་ཁྲིམས་འཆལ་བ་ཞེས་བྱ་བ་ནི་ཕམ་པར་གྱུར་པའོ། །ཞེས་གསུངས་པ་ལྟར་རོ། །
|