7386

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེ་དང་ལྡན་པ
Tibetan Definition (འདུལ་བ) <ཨཱ་ཡུཥྨཱན> 1 རབ་བྱུང་བསླབ་པ་རྒན་པས་རང་ལས་བསླབ་པ་གཞོན་པ་ལ་འབོད་པའི་ཉེ་ཚིག་ཅིག གཞོན་པ་ལ་གནས་བརྟན་ཞེས་ཀྱང་བརྗོད་རིགས། ཚེ་རིང་དུ་གནས་པར་གྱུར་ཅིག་ཅེས་པ་ལྟ་བུའི་དོན་ཡིན་པར་སྙམ། ཚེ་དང་ལྡན་པའི་སྐད་དོད་དེ། བྱེ་བྲག་རྟོགས་བྱེད་ཆེན་པོ་༡༢༧ན༣ན་གསལ་ལོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༢བ༡ལས། ཚེ་དང་ལྡན་པ་ཞེས་བྱ་བ་ནི་ཚེ་ཡོད་པ་སྟེ། དེའི་འབྲས་བུའི་རྗེས་སུ་ཞུགས་པས་ད་ལྟ་ཉིད་དུ་བརྗོད་པར་འདོད་པར་འདོད་པའི་ཕྱིར་ལྡན་པ་ཞེས་སྨོས་སོ། །ཞེས་གསུངས། 2 ཞེ་སའི་ཚིག་ཅིག 3 གཞན་དགའ་བར་བྱ་བའི་ཚིག བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ལས། ཚེ་དང་ལྡན་པ་ཞེས་བྱ་བའི་ཁྱད་པར་ནི་དགའ་བར་བྱ་བའི་ཕྱིར་ཏེ། འཇིག་རྟེན་ན་ཚེ་འདི་འདོད་པ་ཡིན་ནོ། །དེ་བས་དེ་དང་ལྡན་པ་ནི་དགའ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །