From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚེ་རིང་མཆེད་ལྔ
|
Tibetan Definition
|
བཀྲ་ཤིས་ཚེ་རིང་མ། (སྐུ་མདོག་དཀར་མོ། གཡས་རྡོ་རྗེ། གཡོན་བུམ་པ་ཐོགས་པ། སེང་གེ་ལ་ཆིབས་པ) མཐིང་གི་ཞལ་བཟང་མ། (སྐུ་མདོག་སྔོན་མོ། གཡས་བ་དན། གཡོན་མེ་ལོང་ཐོགས་པ། རྐྱང་ལ་ཆིབས་པ) མི་གཡོ་བློ་བཟང་མ། (སྐུ་མདོག་སེར་མོ། གཡས་བདུད་རྩིའི་གཞོང་པ། གཡོན་ནེའུ་ལེ་བསྣམས་པ། སྟག་ལ་ཆིབས་པ) ཅོད་པན་མགྲིན་བཟང་མ། (སྐུ་མདོག་དམར་མོ། གཡས་ནོར་བུ། གཡོན་གཏེར་སྒྲོམ་ཐོགས་པ། ཤ་བ་ཡུ་མོ་ལ་ཆིབས་པ) གཏད་དཀར་འགྲོས་བཟང་མ་དང་ལྔའོ། ། (ལྟེ་དཀར་ཞེས་ཀྱང་སྣང༌། སྐུ་མདོག་ལྗང་ཁུ། གཡས་རྩྭ་དུར་བ། གཡོན་སྦྲུལ་ཞགས་ཐོགས་པ། འབྲུག་ལ་ཆིབས་པའོ) པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་དང་བཅས་པ་ལ་མཆོད་གཏོར་འབུལ་ཚུལ་ལས་གསལ་བ་ལྟར་རོ། །
|