From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀརྐ་ཊ
|
Tibetan Definition
|
(ལེགས་སྦྱར) 1 (འདུལ་བ) ཝལ་པ། ཀརྐ་ཊ་སྦལ་པའི་སྐད་དོད་དུ་བོད་གཞུང་མང་པོར་གསལ་ཡང་། དེང་སང་གི་ཕྱི་མིས་བརྩམས་པའི་སཾ་དབྱིན་སྐད་གཉིས་ཤན་སྦྱར་རྣམས་སུ་ནི་སྦལ་པའི་སྐད་དོད་བྷེཀཿཞེས་པ་མ་གཏོགས་ཀརྐ་ཊ་ཞེས་མི་སྣང་། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་ནི། ཀརྐ་ཊ་ནི་སྦལ་པའི་མིང་། །ཡིན་ཀྱང་ལེགས་སྦྱར་སྐད་མ་ཡིན། །ཞེས་གསུངས་ཤིང་། དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། སྦལ་པའི་མིང་བྷེཀཿདང་། ཞེས་དང་། དོན་ལ་འུ་ཅག་གིས་ཀརྐ་ཊ་སྦལ་བར་བྱས་པ་དེ་ཡང་ནོར་ཅེས་སྨྲ་འདོད་པ་ཡིན་ཏེ། ཞེས་གསུངས་སོ། །འོན་ཀྱང་དགེ་འདུན་ཆོས་འཕེལ་གྱི་གསུང་ལ་ཡང་དཔྱད་པར་འོས་ཏེ། ཀརྐ་ཊ་སྦལ་པའི་སྐད་དོད་དུ་བྱས་པ་མཐའ་གཅིག་ཏུ་ནོར་བའང་མ་ཡིན་ཏེ། སྡིག་སྲིན་ལ་བོད་སྐད་དུ་སྦལ་ཆེན་དང་སྦལ་པ་རྐང་མང་སོགས་སུ་འབོད་པས། སྦལ་པ་ཞེས་པ་ཡོངས་གྲགས་ཀྱི་འཕར་མཆོངས་བྱེད་པའི་སྲོག་ཆགས་frog ཟེར་བ་དེ་ཙམ་ལ་མི་གོ་བར་སྡིག་སྲིན་ལའང་གོ་རུང་བའི་ཕྱིར་རོ། །མདོར་ན། སྦལ་པ་ཞེས་པ་འཕར་ནས་འགྲོ་བའི་སྲོག་ཆགས་ལ་གྲགས་ཆེ་ཡང་། སྡིག་སྲིན་ལའང་འཇུག་གོ། 2 སྡིག་སྲིན། ཕྱི་རྒྱལ་བས་ crab ཟེར། ལེགས་སྦྱར་དུ་སྡིག་སྲིན་ལ་कर्कटःཀརྐ་ཊཿཟེར། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། སྡིག་སྲིན་གྱི་མིང་། འཕྲོག་བྱེད་མིག་དང་རྐང་མང་པོ། སྦལ་ཆེན་སྡིག་སྲིན་ཀརྐ་ཊ། ཞེས་གསུངས། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། ཀརྐ་ཊ་ཡང་ཁོང་ཚོས་སྡིག་སྲིན་ཁོ་ནའི་མིང་ལ་བྱེད་ཀྱིན་འདུག་གསུངས། 3 དབྱར་གྱི་དུས། དབྱར་གྱི་དུས་ལ་ཀརྐ་ཊ་ཞེས་བརྗོད་པའི་རྒྱུ་མཚན་ནི། ཀརྐ་ཊ་ནི་སྦལ་པ་ཡིན་ལ་དེས་སྐད་འབྱིན་པའི་དུས་ཡིན་པས་དེ་སྐད་ཅེས་བྱ།
|