From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚོགས་བཤད་དང་སློབ་བཤད
|
Tibetan Definition
|
ཁྲོམ་བསྒྲགས་སམ་ཐུན་མོང་དུ་བཤད་པར་བྱ་བ་ལ་ཚོགས་བཤད། སློབ་མའི་གཙོ་བོ་ལ་བཤད་པར་བྱ་བ་ལ་སློབ་བཤད་ཟེར། ཚོགས་བཤད་ཀྱི་མཚན་གཞི་ནི། མཐའ་དྲུག་གི་ནང་ནས། སྒྲ་ཇི་བཞིན་པ་དང༌། དགོངས་པ་ཅན་མིན་པ། དྲང་དོན་དང་གསུམ་དང༌། ཚུལ་བཞིའི་ནང་ནས། ཡིག་དོན། སྤྱི་དོན་བཅས་ནི་ཚོགས་པ་ལ་བཤད་པར་བྱ་བ་ཡིན་ནོ། །སློབ་བཤད་ཀྱི་མཚན་གཞི་ནི། མཐའ་དྲུག་གི་སྒྲ་ཇི་བཞིན་པ་མིན་པ། ངེས་དོན། དགོངས་པ་ཅན་དང་གསུམ་དང༌། ཚུལ་བཞིའི་སྦས་དོན་དང༌། མཐར་ཐུག་གི་དོན་རྣམས་ནི་སློབ་མ་ལ་བཤད་པར་བྱ་བ་ཡིན་ནོ། །རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས།
|