7426

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོམས
Tibetan Definition 2 སྟོན་པ་ཐུབ་པའི་དབང་པོས་གསུངས་པའི་ཆེད་དུ་བརྗོད་པའི་ཚོམས་ཞེས་བྱ་བ་སྡེ་ཚན་སོ་གསུམ་གྱི་བདག་ཉིད་ཅན་འདི། དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་ཉིད་ན་བཀའ་བསྡུ་མཛད་པར། སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་ལས་གསུངས་སོ། །འདི་ལ་ཚོམས་སམ་ལེའུ་སོ་གསུམ་ཡོད་དེ། ༡ མི་རྟག་པའི་ཚོམས། ༢ འདོད་པའི་ཚོམས། ༣ སྲེད་པའི་ཚོམས། ༤ བག་ཡོད་ཀྱི་ཚོམས། ༥ སྡུག་པའི་ཚོམས། (སྡོམ་ལས་དགའ་བ་ཞེས་འབྱུང་ཡང་། དགའ་བ་དང་སྡུག་པ་གཉིས་དོན་གཅིག་ཡིན་པས། འདིར་སྡུག་པའི་ཚོམས་ཞེས་བརྗོད་པ་ཡིན) ༦ ཚུལ་ཁྲིམས་ཀྱི་ཚོམས། ༧ ལེགས་སྤྱད་ཀྱི་ཚོམས། ༨ ཚིག་གི་ཚོམས། ༩ ལས་ཀྱི་ཚོམས། ༡༠ དད་པའི་ཚོམས། ༡༡ དགེ་སྦྱོང་གི་ཚོམས། ༡༢ ལམ་གྱི་ཚོམས། ༡༣ བཀུ་སྟིའི་ཚོམས། ༡༤ འཁུ་བའི་ཚོམས། ༡༥ དྲན་པའི་ཚོམས། ༡༦ སིལ་བུའི་ཚོམས། ༡༧ ཆུའི་ཚོམས། ༡༨ མེ་ཏོག་གི་ཚོམས། ༡༩ རྟའི་ཚོམས། ༢༠ ཁྲོ་བའི་ཚོམས། ༢༡ དེ་བཞིན་གཤེགས་པའི་ཚོམས། ༢༢ ཐོས་པའི་ཚོམས། ༢༣ བདག་གི་ཚོམས། ༢༤ བསྒྲེ་བའི་ཚོམས། ༢༥ མཛའ་བཤེས་ཀྱི་ཚོམས། ༢༦ མྱ་ངན་ལས་འདས་པའི་ཚོམས། ༢༧ མཐོང་བའི་ཚོམས། ༢༨ སྡིག་པའི་ཚོམས། ༢༩ ཕྲུགས་ཀྱི་ཚོམས། ༣༠ བདེ་བའི་ཚོམས། ༣༡ སེམས་ཀྱི་ཚོམས། ༣༢ དགེ་སློང་གི་ཚོམས། ༣༣ བྲམ་ཟེའི་ཚོམས་དང་སོ་གསུམ་མོ། །སྡོམ་ལ། མི་རྟག་འདོད་དང་སྲེད་པ་དང་། །བག་ཡོད་དེ་བཞིན་དགའ་བ་དང་། །ཚུལ་ཁྲིམས་ལེགས་སྤྱོད་ཚིག་དག་དང་། །ལས་དང་དད་པ་དེ་དག་བཅུ། །དགེ་སྦྱོང་ལམ་དང་བཀུར་སྟི་དང་། །འཁུ་དང་ལྔ་པ་དྲན་པ་སྟེ། །སིལ་བུ་ཆུ་དང་མེ་ཏོག་དང་། །རྟ་དང་ཁྲོ་བ་བཅུ་པའོ། །དེ་བཞིན་གཤེགས་དང་ཐོས་དང་བདག །བསྒྲེ་དང་མཛའ་བཤེས་ལྔ་པའོ། །མྱ་ངན་འདས་དང་མཐོང་བ་དང་། །སྡིག་དང་ཕྲུགས་དང་བདེ་བ་དང་། །སེམས་དང་དགེ་སློང་ཚོམས་དག་དང་། །བྲམ་ཟེ་ཡང་ནི་ཐ་མ་ཡིན། །ཞེས་གསུངས་སོ། །འདི་སྡེ་དགེ་བཀའ་འགྱུར་མདོ་སྡེ་༼ ས་པ ༽ཤོག་གྲངས་༢༠༩ན༡དང་། སྡེ་དགེ་བསྟན་འགྱུར་མངོན་པ་༼ ཏུ་པ ༽༡ན༡གཉིས་ཀ་ན་བཞུགས་ཤིང་། (སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་འདི་བཀའ་འགྱུར་བསྟན་འགྱུར་གཉིས་ཀའི་ཁོངས་སུ་བཞག་ཅིང་། བསྟན་འགྱུར་དཀར་ཆག་ཏུ་འདི་མདོ་སྡེའི་སྡེ་སྣོད་ཀྱི་དགོངས་འགྲེལ་ཡིན་གསུང་བཞིན་དུ། ཡང་མངོན་པའི་སྡེ་སྣོད་ཀྱི་ཁོངས་སུ་བཞག་པ་སོགས་ནོར་འཁྲུལ་འགའ་རེ་སྣང་ངོ་། །ཁོ་བོ་ནི་འདི་སངས་རྒྱས་ཀྱི་བཀའ་ཡིན་པར་འདོད་དེ། ཚོམས་ལས། རྒྱལ་བས་ཆེད་དུ་བརྗོད་གསུངས་པ། །བདག་གིས་རབ་ཏུ་བཤད་པར་བྱ། །ཞེས་སངས་རྒྱས་ཀྱི་གསུང་ཡིན་པ་གསལ་བར་བཤད་པའི་ཕྱིར་རོ) བཀའ་གདམས་གཞུང་དྲུག་ཏུ་གྲགས་པའི་ཡ་གྱལ་ཞིག་སྟེ། སངས་རྒྱས་ཀྱི་གསུང་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པ་ཞིག་ཡིན། བྱེ་བྲག་ཏུ་སྨྲ་བས་འདི་སངས་རྒྱས་ཀྱི་བཀར་བཞེད། འགའ་ཞིག་གིས་ཆོས་སྐྱོབ་ཀྱིས་བརྩམས་ཡང་ཟེར། དོན་ནི་སྐྱེས་བུ་ཆུང་འབྲིང་གི་ལམ་དཔེ་དང་དོན་གྱི་སྒོ་ནས་གསལ་བར་སྟོན་པ་ཞིག་གོ། འགའ་ཞིག་གིས་བསྟན་འགྱུར་གྱི་ཁོངས་སུ་བཞག་ནའང་། ཡོངས་གྲགས་སུ་ནི་བཀའ་འགྱུར་གྱི་ཁོངས་སུ་བཞུགས་སོ། །ཚོམས་ཞེས་པ་འདིར་སྡེ་ཚན་གྱི་མིང་ཡིན་པས། འདི་ལ་སྡེ་ཚན་ནམ་ལེ་ཚན་སུམ་ཅུ་རྩ་གསུམ་ཡོད་དོ། །