744

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གངྒཱའི་ཀླུང་གི་བྱེ་མ་སྙེད
Tibetan Definition ཆུ་བོ་གངྒཱའི་འགྲམ་གྱི་བྱེ་མ་ཇི་སྙེད་ཡོད་པའི་གྲངས་དང་མཉམ་པ་སྟེ། ཧ་ཅང་མང་བའི་དཔེའོ། །རྗེ་ཙོང་ཁ་པ་ཆེན་པོས། གངྒཱའི་ཀླུང་གི་བྱེ་མ་ཞེས་པ་གངྒཱའི་ཆུ་རྡུལ་ལ་གསུངས་ཏེ། འགྲེལ་པ་བཞི་སྦྲགས་༥༠༢བ༣ལས། གང་གཱའི་ཀླུང་ནི་ཆུ་བོ་ཆེན་པོའོ། །དེའི་གི་བྱེ་མ་ནི་ཆུའི་རྡུལ་ལོ། །ཞེས་གསུངས་སོ།།སྤྱིར་བྱེ་མ་ཞེས་པ་ཆ་ཤས་ཕྲ་མོ་ལ་ཟེར་བས། འདིར་ཡང་གངྒཱའི་ཆུ་རྡུལ་ཕྲ་མོ་རྣམས་ལ་བྱེ་མ་ཞེས་མིང་བཏགས་པར་འདྲའོ། །