From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཛམྦྷ་ལ
|
Tibetan Definition
|
(ལེགས་སྦྱར) རྨུགས་འཛིན་ཏེ་ནོར་ལྷ་ཞིག དེ་ལ་གསང་འདུས་ཛམ་བྷ་ལ། ཛམ་སེར། ཛམ་བྷ་ལ་ནག་པོ། ཛམ་དམར་གྲྭ་པ་མངོན་ཤེས་ཅན་གྱི་ལུགས། ཛམ་དམར་སྲོག་སྒྲུབ་ལུགས། ཇོ་ལུགས་ཛམ་དཀར་འབྲུག་ཞོན། ཛམ་བྷ་ལ་སྙན་གྲགས། འཁོར་རྟ་བདག་བརྒྱད་ནི། ཛམ་བྷ་ལ། གང་བ་བཟང་པོ། ནོར་བུ་བཟང༌། ཀུ་བཻ་ར། ཡང་དག་ཤེས། འབྲོག་གནས། ལྔ་རྩེན་སེར་སྐྱ། པི་ཙི་ཀུན་དྲ་ལིའམ་འཛམ་བུ་འཁྱིལ་བ་དང་བརྒྱད་དོ། །མིང་གི་རྣམ་གྲངས་ལ། སྔོན་གྱི་གནོད་སྦྱིན། ཆུ་ཡི་དབང་པོ། ཆུ་ལ་གནས། ཆུའི་ཐུབ་པ། ནོར་གྱི་དབང་ཕྱུག་བཅས་སོ། །
|