From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཛཱ་ལནྡྷཱ་ར
|
Tibetan Definition
|
(ལེགས་སྦྱར) 1 བོད་སྐད་དུ་དྲ་བའམ་འབར་བ་འཛིན་ཞེས་བྱ་བ། ཧིའ་མ་ཅལ་མངའ་ཁོངས་ཀཱང་ར་བྱ་བ་དེ་ཡིན་ཞིང༌། མཇལ་ས་གཙོ་བོ་ནི་ལྷ་མོ་ནག་མོའི་ལྷ་ཁང་གྲགས་ཅན་དེ་ཡིན། དགེ་འདུན་ཆོས་འཕེལ་གསུང༌། ཀཱང་ར་མ་སླེབས་གོང་དུ་ཛྭ་ལ་མུ་ཁི་བྱ་བར་སླེབས། དེར་ས་ལ་མེ་འབར་མཇལ་རྒྱུ་ཡོད་ཅིང༌། དེ་རྗེ་རྒོད་ཚང་པའི་རྣམ་ཐར་དུ་གསལ་ཞེས་གསུངས། ཀཱང་ར་ལ་གཟིགས། 2 གཞན་དག་གིས་ཛཱ་ལནྡྷཱ་ར་ཞེས་བྱ་བ། གུ་གེའི་ནུབ་བྱང་ན་མཐོ་ལིང་གི་གཙང་པོ་དང་གར་ཤའི་གཙང་པོ་དང་ཤི་ལ་ཛེའི་གཙང་པོ་གསུམ་འདུས་མདོ་ན་གྲོང་ཁྱེར་ཆེན་པོ་གཅིག་ཡོད། དེའི་ཉེ་ལོགས་ན་རྡོའི་ལིངྒ་ཐོད་པ་ཁ་སྦུབ་པ་ལྟ་བུའི་ཉེ་འཁོར་ན་ཞིང་སྐྱོང་ལྷ་མོ་ཛྭ་ལ་མུ་ཁི་ཞེས་བྱ་བ་རྡོ་ལ་རང་འཁྲུངས་སུ་ཡོད་པ་ལ་གཙུག་ལག་ཁང་བརྩེགས་པ་ཡོད། དེ་ནས་རྒྱང་གྲགས་གཅིག་གི་ཕ་རོལ་ན་སྒྲུབ་གནས་བྲག་ཕུག་བརྒྱ་ཆུ་མིག་བརྒྱ་ཤིང་དྲུང་བརྒྱ་ཡོད་པའི་ཐད་ཀའི་བྲག་དཀྱིལ་ནས་ཆུ་འབབ་པ་དེ་ལ་མུ་སྟེགས་པ་རྣམས་ཁྲུས་བྱེད་པ་ཡོད་པས་དེ་ཉིད་ཡིན་པར་བཞེད་ལ། 3 ཡང་འགའ་ཞིག་གིས་རྒྱ་གར་དང་ཁ་ཆེའི་བར་རྡོ་རྗེ་གདན་གྱི་ནུབ་བྱང་རྡོ་ལ་མེ་འབར་བའི་གནས་ལ་བཞེད་དོ། །
|