From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཅགས་པ
|
Tibetan Definition
|
(བྱེད་འབྲེལ་ལས་ཚིག་མ་འོངས་པ) སེམས་ལ་ངེས་པར་བྱས་པ། གཅགས། འཇགས། བཅགས། ཆོགས། དག་ཡིག་གསར་བསྒྲིགས་ལྟར་རོ། །འཆང་བའམ་བཞག་པ། ཡིད་ལ་གཅགས་པ་ཞེས་པ་ལྟ་བུ། བོད་རྒྱ་ཚིག་མཛོད་ཆེན་མོར་ “གཅགས” ཀྱི་གོ་དོན་མི་གསལ། “འཇགས”ཀྱི་གོ་དོན་བློར་ངེས་པ། ཞེས་གསལ་ཡང་། དུས་གསུམ་གྱི་རྣམ་གཞག་བཤད་མི་འདུག གཅགས་དང་ (གཞིས་ཆགས་ཞེས་པའི) ཆགས་གཉིས་ལ་འབྲེལ་པ་ཞིག་ཡོད་འདུག་སྙམ་སྟེ། ཏུན་ཧོང་ནས་ཐོན་པའི་རཱ་མ་ཎའི་རྟོགས་བརྗོད་ལས། ཤིན་དུ་ཡད་ལ་གཆགས་ནས་སྙིང་ལ་གནས་ཞེས་གཅགས་ལ་གཆགས་ཞེས་བྲིས་འདུག་པས་སོ། །ཏུན་ཧོང་གི་ཡིག་རྙིང་དེ་བཞིན་དག་པར་བྲིས་ན། “ཤིན་ཏུ་ཡིད་ལ་གཅགས་ནས་སྙིང་ལ་གནས” ཟེར་བ་ཡིན་འདུག
|