From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཛྙཱ་ན
|
Tibetan Definition
|
(ལེགས་སྦྱར) 1 ཡེ་ཤེས། ངེས་ཚིག་ནི། རྟོགས་པ་མེད་པ་སྟེ། ཛྙཱ་ནི་རྟོགས་པ་དང༌། ན་ནི་དགག་ཚིག་ཡིན་པས། སྣང་བ་གསུམ་གྱི་རྟོགས་པ་མེད་པ་འོད་གསལ་གྱི་ཡེ་ཤེས། ཞེས་རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ། ཛྙཱ་ཞེས་པའི་ཚིག་འདི་ཀློག་ཚུལ་ནི། ས་སྐྱའི་རྗེ་བཙུན་བསོད་ནམས་རྩེ་མོ་ཡི་གེའི་བཀླག་ཐབས་༢༥ན་༦ལས། ཛྙཱ་ཞེས་བྱ་བའི་ཡི་གེ་ལ། །རྒྱ་གར་འགྱར་ཀློག་ཁ་ཆེ་གཉའ། །བོད་ཀྱི་གཉའ་ཞེས་བྱ་བར་ཀློག །ཁ་ཆེའི་ལུགས་སུ་བཀླགས་ན་བདེ། །ཞེས་གསུངས་སོ། །2 ཤེས་པ། སེམས། ཛྙཱ་ན་ཞེས་པ་ཤེས་པ་ལའང་འཇུག་པར་མཁས་གྲུབ་རྗེའི་དུས་འཁོར་འགྲེལ་ཆེན་ན་གསལ། རྒྱས་པ་ཡེ་ཤེས་ཞེས་པའི་ཐད་དུ་གཟིགས།
|