7453

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཝ་ཟུར
Tibetan Definition (བརྡ་སྤྲོད) ཡི་གེ་གང་ཡང་རུང་བའི་འོག་ཏུ་འདོགས་རྒྱུའི་ཟུར་གསུམ་པའི་རྟགས་ (ྭ) འདི་ལ། ཝ་ཟུར་དང་། ཝ་ཕྱེད། ཝ་ཕྱེད་མ་ཟེར། འདིའི་བྱེད་ལས་ནི་ནོར་བ་སྤང་བའི་ཆེད་དུ་ཡིན། དཔེར་ན་རི་དྭགས་ལྟ་བུ། འདི་ལ་ཝ་ཟུར་མེད་ན་ད་སྔོན་འཇུག་ཏུ་ཀློག་རྒྱུའི་ཉེན་ཁ་ཡོད་པ་ལྟ་བུའོ། །དེས་གཞན་ཐམས་ཅད་ལ་རིགས་འགྲེའོ། །བོད་རྒྱ་ཚིག་མཛོད་ཆེན་མོར། དེའི་འགྲེལ་བཤད་ལ། ཝ་འདོགས་ཞེས་བྲིས་ནས། དཔེ་མཚོན་བྲིས་མེད་ལ། རྒྱ་ཡིག་འགའ་ཤས་བྲིས་ནས། “ཝ” ཞེས་བྲིས་པ་གང་ཟེར་བ་ཡིན་མིན་བརྟག དེ་བཞིན་དུ། ཝ་ཕྱེད་ལའང་བརྟག ཝ་ཟུར་ལ་ ( ྭ ) འདི་འདྲ་ཞིག་དཔེ་མཚོན་དུ་བྲིས་ཡོད་ན་ལེགས་སྙམ།