7463

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞག
Tibetan Definition (འདུལ་བ) སྤྱིར་ཞག་ལ་ཁྱིམ་ཞག་དང༌། ཉིན་ཞག ཚེས་ཞག་གསུམ་ཡོད། དེ་གསུམ་ལས་ཁྱིམ་ཞག་ཡུན་རིང༌། ཉིན་ཞག་ཡུན་འབྲིང༌། ཚེས་ཞག་ཡུན་ཐུང་སྟེ། ཁྱིམ་ཞག་རེ་ལ་ཡུད་ཙམ་ཕྱེད་དང་སོ་གཅིག་ཅུང་ཟད་མ་ལོང་ཙམ་ཡོད། ཡུད་ཙམ་གཅིག་ལ་དེང་དུས་ཀྱི་ཆུ་ཚོད་ལ་སྦྱར་ན། སྐར་མ་བཞི་བཅུ་ཞེ་བརྒྱད་ཡོད། (ཁྱིམ་ཞག་གཅིག་ལ། རགས་རྩིས་བྱེད་ན་དེང་སང་གི་ཆུ་ཚོད་ཉི་ཤུ་རྩ་བཞི་དང་སྐར་མ་ཉི་ཤུ་རྩ་གསུམ་ཙམ་ཡོད། approximately Twenty four hours and twenty three minutes, 24.23 hours. ཉིན་ཞག་རེ་ལ་ཡུད་ཙམ་སུམ་ཅུ་ཐམ་པ་ཡོད། (ཉིན་ཞག་གཅིག་ལ། ཆུ་ཚོད་ཉི་ཤུ་རྩ་བཞི་ཡོད། 24.00 hrs. ཚེས་ཞག་རེ་ལ་ཡུད་ཙམ་ཕྱེད་དང་སུམ་ཅུ་ཡོད། (ཚེས་ཞག་གཅིག་ལ། ཆུ་ཚོད་ཉི་ཤུ་རྩ་གསུམ་དང་སྐར་མ་ཉི་ཤུ་རྩ་བཞི་ཏག་ཏག་ཡོད། 23.24 hrs.