7468
Jump to navigation
Jump to search
ཞང་ཞུང | |
Tibetan Definition | སྟོད་མངའ་རིས་ཁུལ་གྱི་ཡུལ་གྱི་མིང་། གུ་གེ་དང་དོན་གཅིག བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་ལྷ་བླ་མ་ཁུ་དབོན་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་བཞུགས་པའི་ཡུལ། ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་ཡང་ཞང་ཞུང་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་མཛད། ཞང་ཞུང་དང་གུ་གེ་གཉིས་དོན་གཅིག་ཡིན་པར་དེབ་སྔོན་དུ་བཤད་དེ། དེབ་སྔོན་སྟོད་ཆ་ “བོད་ཀྱི་རྒྱལ་རབས་བཤད་པའི་སྐབས” ༦༢ལས། ཆུང་བས་ཞང་ཞུང་སྟེ་གུ་གེའི་མངའ་ཞབས་ན་ཡོད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། ། |
---|