7477
Jump to navigation
Jump to search
ཞར་བ | |
Tibetan Definition | མིག་ཡ་གཅིག་ལ་སྐྱོན་ཤོར་བ། བོད་རྒྱ་ཚིག་མཛོད་ཆེན་མོར། ཞར་བའི་གོ་དོན་ལ། མིག་ལོང་བ་དང་། ཞེས་གསུངས་པ་ནི་མི་འཐད་དེ། འཇིག་རྟེན་ན་མིག་ཡ་གཅིག་ལ་སྐྱོན་ཤོར་བ་ལ་ཞར་བ་དང་། གཉིས་ཀ་ལ་སྐྱོན་ཤོར་བ་ལ་ལོང་བ་ཞེས་གྲགས་ཤིང་། གཞུང་ཆེན་མོ་རྣམས་སུའང་དེ་ལྟར་གསུངས་ཏེ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་ལས། ཞར་བ་ཞེས་བྱ་བ་ནི་མིག་ཡ་གཅིག་པའོ། །ཞེས་གསུངས་པས་སོ། ། |
---|