7502

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞལ་ལྕེ
Tibetan Definition ཁྲིམས་དང་ཆད་ལས། ལྕེ་གཅོད་ཡང་ཟེར། ཞལ་ལྕེ་གཅོད་པའམ་ཞལ་ལྕེ་བཅད་པ་ཞེས་པ་ལྟ་བུ། སྒྲ་བཤད་དམ་ལོ་རྒྱུས་ནི། སྔོན་རྒྱ་གར་དུ་བྲམ་ཟེ་དབྱུག་པ་ཅན་གྱིས་ཁྱིམ་བདག་གི་གླང་གཡར་ནས་གཏོད་དུ་ཕྱིན་པས་གླང་ཁྱིམ་བདག་གི་ར་བར་བཏང་སྟེ་ཅི་ཡང་མ་སྨྲས་པར་ལོག ཁྱིམ་བདག་གིས་གླང་བསྐྱལ་བྱུང་བ་མཐོང་ཡང་མ་བཏགས་པར་བཞག་པས་གླང་ཕུགས་ཀྱི་སྒོ་ནས་ཐོན་ཏེ་སྟོར་བ་གླང་པོ་མེ་ལུང་གདོང་ལ་ཞུས་པས་བྲམ་ཟེས་གླང་བཏང་ཡོད་དོ་ཞེས་མ་སྨྲས་པས་ལྕེ་ཆོད། ཁྱིམ་བདག་གིས་མཐོང་ཡང་མ་བཏགས་པས་ལག་པ་བྲེགས་ཞེས་ཞལ་ལྕེ་བཅད་པ་ལ་བརྟེན་ནས་ལྕེ་གཅོད་དམ་ཞལ་ལྕེ་གཅོད་ཅེས་པའི་ཐ་སྙད་བྱུང་བ་ཡིན་ནོ། །ཆོས་འབྱུང་མཁས་པའི་དགའ་སྟོན་གླེགས་བམ་སྟོད་ཆ་༡༩༣ལ་གཞི་བྱས་ཏེ་བཀོད།