7511

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞལ་སྔ་ནས
Tibetan Definition 1 བླ་མའི་མཚན་གྱི་མཐར་སྦྱར་ན། སྐུ་དངོས། ཁོང་། ཁོང་སྐུ་ངོ་མ་ཞེས་པའི་ཞེ་སའི་ཚིག་ཏུ་འགྱུར་བའི་ཆེ་བསྟོད་ཀྱི་ཚིག་ཅིག དཔེར་ན་བླ་མའི་མཚན་རིན་ཆེན་རྡོ་རྗེ་ཡིན་ན། མཚན་གྱི་གོང་དུ་ཁྱད་པར་གྱི་ཚིག་རྗེ་བཙུན་དམ་པ་དང༌། མཐར་ཞལ་སྔ་ཞེས་པ་སྦྱར་བ་རྗེ་བཙུན་དམ་པ་རིན་ཆེན་རྡོ་རྗེའི་ཞལ་སྔ་ནས་ཞེས་པ་ལྟ་བུའོ། །རྗེའི་གསུང་ལྟར་རོ། །མཁས་གྲུབ་ཆོས་རྗེས་མཛད་པའི་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་སུ། ཁོང་ཞེས་པའི་དོན་ལ་བེད་སྤྱོད་མང་ཤོས་གནང་ཡོད། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། དེ་ནས་སྟོན་སྐྱིད་ཤོད་དུ་ཕེབས། རྗེ་བཙུན་རེད་མདའ་བའི་ཞལ་སྔ་ནས་ཀྱང་དབུས་སུ་ཆོས་བར་ལ་ཕེབས་པས་དཔོན་སློབ་གཉིས་ཀས་པོ་ཏ་ལར་བཞུགས་ནས་དམ་པའི་ཆོས་ཀྱི་བཀའ་བགྲོ་བ་མང་དུ་མཛད་ཅིང༌། ཞེས་དང་། བླ་མ་རྗེ་བཙུན་རེད་མདའ་པ་ཆེན་པོའི་ཞལ་སྔ་ནས་མངའ་རིས་ནས་བྱོན། ཞེས་སོགས་གསུངས་པ་ལྟར་རོ། །