7533

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞིང་བཅུ་ཚང་བའི་དགྲ་བོ
Tibetan Definition བསྒྲལ་བའི་ཞིང་བཅུའོ། །དཀོན་མཆོག་དབུ་འཕང་སྨད་པ། དགེ་འདུན་གྱི་དཀོར་འཕྲོག་པ། ཐེག་ཆེན་སྨོད་ཅིང་སུན་འབྱིན་པ། བླ་མའི་སྐུ་ལ་བསྡོ་བ། རྡོ་རྗེ་སྤུན་སུན་འབྱིན་པ། སྒྲུབ་ལ་བར་ཆད་བྱེད་པ། བརྩེ་བ་དང་སྙིང་རྗེ་གཏན་ནས་མེད་པ། དམ་ཚིག་སྡོམ་པ་དང་བྲལ་བ། ལས་འབྲས་ལ་ལོག་པར་ལྟ་བ། དེ་དག་ལ་བསྒྲལ་བའི་ཞིང་བཅུ་ཟེར། ཞེས་ཀློང་རྡོལ་བླ་མ་གསུང༌།