From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཞིང་སྐྱེས
|
Tibetan Definition
|
ཡུལ་ཉེར་བཞི་ན་བཞུགས་པའི་མཁའ་འགྲོ་མ་དང་དབེན་གསུམ་སྒྱུ་ལུས་ཅི་རིགས་ལ་དབང་བའི་གསང་སྔགས་ཀྱི་ཕྱག་རྒྱ་མའམ་རྣལ་འབྱོར་མ། དེའི་ཡོན་ཏན་ནི། མཛེས་ཤིང་ཡིད་དུ་འོང་བ། རོ་སྨད་རྒྱས་ཤིང་འདོམ་སྟུག་པ། ནུ་འབུར་རྒྱས་ཤིང་ནུ་བར་དོག་པ། ལུས་ལས་དྲི་བཟང་པོ་འཕྲོ་བ། འཁྱུད་པ་དང་འོ་བྱེད་པ་ལ་སོགས་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པའི་བུད་མེད་དོ། །འདོད་དོན་མྱུར་དུ་སྒྲུབ་པའི་མི་ལ་ཕོ་ཉའི་བང་ཆེན་ཞེས་པ་ལྟར། འདིས་ཀྱང་ལྷན་སྐྱེས་ཀྱི་བདེ་སྟོང་མྱུར་དུ་བསྐྱེད་པའི་ཕྱིར་ཕོ་ཉ་ཞེས་བྱའོ། །སྒྲ་བཤད་ནི། ཡུལ་ཉེར་བཞིའི་ཞིང་ལས་སྐྱེས་པའི་དཔའ་མོའི་རིགས་ཡིན་པས་དེ་སྐད་ཅེས་བྱའོ། །
|