7545

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞུ་བ་གླུ་བསྐུལ
Tibetan Definition ལྷ་བསྐྱེད་ཚུལ་ཞིག་སྟེ། གཙོ་བོ་འོད་གསལ་དུ་ཐིམ་པ། ལྷ་མོ་བཞིས་གླུས་བསྐུལ་ཏེ་བཞེངས་པ་ལ་ཟེར། གསང་འདུས་བདག་བསྐྱེད་ལས། ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་ཡུམ་ཡབ་ལ་ཐིམ། ཞེས་པ་ནས། ནཱ་ད་ཡང་འོད་གསལ་དུ་ཐིམ་པར་གྱུར། དེ་ནས་ཚད་མེད་པ་བཞིའི་ངོ་བོར་གྱུར་པའི་ལྷ་མོ་བཞིས་གཙོ་བོ་མ་མཐོང་བས་གདུང་བའི་ཡིད་ཀྱིས་བལྟ་བར་འདོད་དེ་སྙན་པའི་གླུ་དབྱངས་ཀྱིས་བསྐུལ་བ་ནི། ཞེས་སོགས་ལྟར་དང༌། ཀློང་རྡོལ་བླ་མས། གཙོ་བོ་ཆོས་ཀྱི་དབྱིངས་སུ་བཞུད། །ཚད་མེད་ལྷ་མོ་བཞི་ཡིས་བསྐུལ། །སླར་ཡང་ཆོས་ཀྱི་དབྱིངས་སུ་ལྡང༌། །ཞུ་བ་གླུ་བསྐུལ་བྱེད་ཚུལ་ཡིན། །ཞེས་གསུངས།