758

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཅུང་དགའ་བོ
Tibetan Definition (འདུལ་བ) ཚེ་དང་ལྡན་པ་དགའ་བོ་ཞེས་བྱ་བ་འདི་བཅོམ་ལྡན་འདས་ཀྱི་ཡབ་གཅིག་པའི་སྐུ་མཆེད་གཞོན་པ་ཡིན། (སྟོན་པ་སྐུ་འཁྲུངས་ནས་ཞག་བདུན་ན་ཡུམ་སྒྱུ་མ་ལྷ་མཛེས་སྐུ་གཤེགས་པས། ཁོང་གཉིས་ཡབ་གཅིག་པ་ཙམ་ཡིན་པར་སྣང་ངོ) འདི་གཟུགས་མཛེས་ལ་འདོད་ཆགས་ཀྱང་ཤིན་ཏུ་ཆེ་བའི་དགེ་སློང་ཞིག་ཡིན། འདིའི་སྐོར་འདུལ་བ་ལུང་ཕྲན་ཚེགས་༼ ཐ་པ ༽༡༡༩དང་༡༢༡ སོགས་སུ་བཞུགས་སོ། །འདི་ལ་དགའ་བོ་དང་། ཚེ་དང་ལྡན་པ་དགའ་བོ། གཅུང་དགའ་བོ་སོགས་ཟེར།