7585

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞེས
Tibetan Definition (བརྡ་སྤྲོད) ཚིག་ཕྱི་མ་འདྲེན་བྱེད་ཀྱི་ཕྲད་གཞན་དབང་ཅན་ཞིག 1 ཕལ་སྐད་དུ། “ཟེར” “ལབ” “བཤད” “ཟེར་བའི” “ཟེར་ནས” “ཟེར་གྱི་འདུག” “ཟེར་གྱི” རྣམས་ཕལ་ཆེར་དོན་འདྲ། “ཞེས” “ཅེས” “ཤེས” “ཞེས་པ” “ཅེས་པ” “ཤེས་པ” རྣམས་དོན་འདྲ། དཔེར་ན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། གཏི་མུག་མུན་པས་ཡིད་བསླད་ངོ་ཚ་བྲལ། །བག་མེད་མྱོན་པའི་རྣམ་འགྱུར་སྣ་ཚོགས་ཀྱང༌། །ཐེག་མཆོག་གསང་བའི་རྣལ་འབྱོར་སྤྱོད་པ་ཞེས། “ཡིན་ཟེར་ནས” །གྱ་གྱུའི་རྣམ་ཐར་ཚུལ་ལའང་བདག་མི་མོས། །ཞེས་པ་ལྟ་བུ། 2 དེ་འདྲ། དེ་ལྟ་བུ་ཞེས་པའི་དོན། ཡང་ཕྱི་རྒྱལ་བས་བརྗོད་དོན་མཚོན་རྟགས་quotation mark ( “ ” ) དང་དོན་འདྲ་བར་བཤད་པའང་མཐོང་། དཔེར་ན་བཅོམ་ལྡན་འདས་ཀྱིས། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། ། “ཞེས” གསུངས་སོ། །ལྟ་བུ། སྦྱོར་ཚུལ་ནི། ཚིག་ཕྲད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །ཞིང་ཞེས་ཞེའོ་ཞེ་ན་ཞིག །ཅེས་པ་ལྟར་རོ། །