7593

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞོ་གང
Tibetan Definition 1 ནས་འབྲུ་བཞི་བཅུ་ཞེ་བརྒྱད་ཀྱི་ལྗིད་ཚད་ལ། ཞོ་གང་ཡིན་ཟེར། ཞོ་གང་ལ་སེ་བ་བརྒྱད་དམ་ནས་འབྲུ་བཞི་བཅུ་ཞེ་བརྒྱད་ཡོད་དོ། །དེ་ཡང་དཔེར་ན། ནས་འབྲུ་དྲུག་ལ། སེ་བ་གཅིག སེ་བ་བརྒྱད་ལ། ཞོ་གང་། ཞོ་བརྒྱད་ལ། སྲང་གང་ཞེས་རྩི་བ་བཞིན་ནོ། །འདི་གསེར་དངུལ་སོགས་ཀྱི་ལྗིད་ཚད་འདེགས་གཞི་ཡིན་ལ། ཇ་དམར་སོགས་ལྗིད་ཚད་འདེགས་གཞི་ནི་གོང་དང་མི་འདྲ་བར་བཤད་དེ། སེ་བ་གང་གི་ཚད་ནི་གོང་དང་འདྲ་ལ། སེ་བ་ཉི་ཤུ་ལ་ཞོ་གང་། ཞོ་བཅུ་ལ་སྲང་སོགས་མི་འདྲ་བར་བཤད་དོ། །འདི་སྐོར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་གླེགས་བམ་གཉིས་པའི་ཤོག་གྲངས་༢༤༧ན༥ལས། མ་རུའམ་ཀ་ཀ་ནི་གཉིས་ལ་སེ་བ། དེ་ཉི་ཤུ་ལ་ཞོ། ཞོ་བརྒྱད་ལ་གསེར་སྲང་། དེ་བཞི་ལ་ཕུལ་ཉག་གང་དུ་འཇོག་ཅེས་གོང་གི་དེ་དང་བཤད་ཚུལ་ཅུང་ཟད་མི་འདྲ་བ་སྣང་ངོ་། །ཡང་འཆི་མེད་མཛོད་ལས། འཇལ་བྱེད་སྲང་དང་སོར་དང་བྲེ། །མ་རུ་ལྔ་སོགས་མ་ཤ་ཀ། །དེ་དག་བཅུ་དྲུག་ཞོ་ཡིན་ཏེ། །ཞོ་བཞི་ལ་ནི་སྲང་གང་ངོ་། །ཞེས་ཀྱང་གསུངས་སོ། །འདི་གཡའ་སེལ་༢༣༡བ༣ན་གསལ་ལོ། །2 གྷ་རམ་ gram དྲུག་༦ཙམ་ཀྱི་ལྗིད་ཚད་ཀྱི་མིང་ལ་བཤད་པའང་ཡོད། དེ་ལ་རགས་རྩིས་བྱེད་ན་བྱེ་མ་ཀ་ར་teaspoon ཐུར་མ་གཅིག་དང་ཕྱེད་ཙམ་གྱི་ལྗིད་ཚད་ཡོད། ཅུང་ཟད་སྤྲོས་ཏེ་བཤད་ན། ཞོ་གང་ལ་རྒྱ་གར་གྱི་ Tola ཏོ་ལ་ཕྱེད་ལྷག་ཙམ་ཡོད་ཟེར་བས། དེས་ན་ཏོ་ལ་གཅིག་ལ་གྷ་རམ་༡༡.༦༦ཡོད་པས་དེའི་ཕྱེད་ལྷག་ཙམ་མོ། །ཡང་ན། དབྱིན་ཇིས་རྒྱ་གར་དབང་སྒྱུར་བྱེད་སྐབས་སུ་བཟོས་པའི་དངུལ་གྱི་སྒོར་མོའམ་དོང་ཙེ་ silver Rupee coin “རུ་པཱི” ཟེར་བ་དེའི་ཕྱེད་ཚད་དོ། །རྒྱ་གར་གྱི་ཏོ་ལ་དང་པ་ཀསྠན་གྱི་ཏོ་ལར་ཡང་ལྗིད་ཚད་ཀྱི་ཁྱད་པར་ཅུང་ཟད་ཡོད་པའང་ཤེས་པར་བྱའོ། །3 གྷ་རམ་གཉིས་དང་གྲངས་ཆུང་བརྒྱད་ gram ༢.༨ ཀྱི་ལྗིད་ཚད་ལའང་། ཞོ་གང་དུ་བཤད་པ་ཡོད་དེ། དུས་རབས་བཅུ་དགུ་པའི་ནང་བོད་དབྱིན་ཚིག་མཛོད་རྩོམ་པ་པོ་ལ་དྭགས་ཁུལ་དུ་ཡེ་ཤུའི་ཆོས་སྤེལ་མཁན། ཧཡེ་ནཁེ། ཡཙ་ཀ་Heinrich Jaschke (1817-1883) ཟེར་བ་ཁོང་གིས། ཞོ་གང་ལ་1/10 ounce ཨའུནསེ་གཅིག་གི་བཅུ་ཆ་ལ་བཤད་པས། གོང་དུ་བཤད་པ་ལྟར་གྷ་རམ་གཉིས་དང་གྲངས་ཆུང་བརྒྱད་ gram ༢.༨ ཀྱི་ལྗིད་ཚད་དོ། །གོང་གི་འགྲེལ་བཤད་དེ་དག་འདུལ་བའི་མ་བྱིན་ལེན་གྱི་ཕམ་པའི་རིན་ཐང་གི་ཚད་བཤད་པའི་སྐབས་སུ་ཉེ་བར་མཁོ་ཞིང་གལ་ཡང་ཤིན་ཏུ་ཆེ་བ་ཡིན་ནོ། །རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་ད་དུང་ཡང་དཔྱད་པར་འོས་སོ། །