7597
Jump to navigation
Jump to search
ཞོ་ཤས་འཚོ་བ | |
Tibetan Definition | <པཽ་རུ་ཥཻ> 1 འབངས་ཀྱི་མིང་ཡིན། འདུལ་གཞི་རྒྱ་ཆེར་འགྲེལ་པ་༡༨༥བ༦ལས། ཞོ་ཤས་འཚོ་བ་དག་ཅེས་བྱ་བ་ནི་དཔྱ་ཕུལ་བའི་མི་དག་གམ། མཚོན་ཆས་ཕོག་པ་དག་གོ། ཞེས་གསུངས་སོ། །2 གཞན་གྱི་མཐུའམ་ནུས་པའམ་བཀའ་དྲིན་ལ་བརྟེན་ནས་འཚོ་བ། འདུལ་བའི་གླེང་འབུམ་ཆེན་མོའི་བརྡ་བཀྲོལ་ལས། ཞོ་་ནི་སྟོབས་སམ་ནུས་པའི་མིང་ཡིན་པས། ཞོ་ཤས་འཚོ་བ་ནི་ལུས་ཀྱི་ནུས་པ་བཙོངས་ནས་འཚོ་བའམ་གླས་འཚོ་བའོ། །ཞེས་གསུངས་སོ། །3 བྲན་གཡོག་གི་མིང་དུ་བཤད་པའང་མཐོང་། |
---|