7599

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞྭ་མོའི་འགྲེལ་བཤད
Tibetan Definition དགེ་ལུགས་པའི་དབུ་ཞྭ་གསེར་གྱི་མདོག་ཅན་གྱི་འགྲེལ་བཤད་མདོར་བསྡུས། ཞྭ་མོའི་མདོག་གང་སེར་སེར་བྱེད་དགོས། ཞྭ་དཔངས་ཀྱིས་སངས་རྒྱས་ཀྱི་ཞིང་ཁམས་དང༌། ཞྭ་སྒྲོས་སངས་རྒྱས་སྟོང༌། ཞྭ་དཔངས་ཀྱི་ནང་ཤ་དཀར་པོ། ཞྭ་ལྷག་གི་ནང་ཤ་སྔོན་པོ་དང་ཕྱི་ཤ་དམར་པོ་བཅས་གསུམ་གྱིས་རིགས་གསུམ་མགོན་པོ། ཞྭ་ལྷག་གི་གོང་ལ་ཚེམ་བུ་བཅུ་གཉིས་ཡོད་པ་ནི་གསུང་རབ་ཡན་ལག་བཅུ་གཉིས། ཞྭ་ལྷག་གི་སྟེང་དུ་འཕེན་སྔོན་པོ་གསུམ་ཡོད་པ་ནི། སྡེ་སྣོད་གསུམ་གྱི་མཚོན་དོན་ཡིན་པ་བཅས་སོ། །གྲྭ་རྐྱང་ལ་སྐུ་གསུང་རྟེན་སོགས་གཞན་མེད་ཀྱང༌། དབུ་ཞྭ་གཅིག་པུ་མཆོད་ཡུལ་དུ་བྱས་ནས་དེ་ལ་ཕྱག་མཆོད་བསྙེན་བཀུར་བྱས་ན་དེ་གས་མཐུས། ཞེས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཚོགས་གཏམ་ཆེན་མོའི་གསུང་རྒྱུན་ལ་ཡོད་དོ། །དོགས་གཅོད། སྔོན་སྟོན་པ་ཞལ་བཞུགས་དུས་རབ་བྱུང་རྣམས་ཀྱིས་དབུ་ཞྭ་བཞེས་སྲོལ་ཡོད་དམ་ཞེ་ན། མི་ཚངས་སྤྱོད་ཀྱི་ཕམ་པ་འཆད་པའི་སྐབས་ཀྱི་འདུལ་བ་ལུང་རྣམ་འབྱེད་༼ ཅ་པ ༽༢༧བ༥ལས། རིལ་བུ་སྤྱི་བླུགས་དང་། འབྲུ་མར་གྱི་སྣོད་དང་། ཞྭ་དང་། ལྷམ་སྒྲོག་གུ་ཅན་དང་། ཞེས་ཞྭའི་སྐོར་གསུངས་འདུག་པས་དཔྱད་དོ། །