7608

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟ་མ་དང་མ་ནིང་གི་ཁྱད་པར
Tibetan Definition (འདུལ་བ) 1 འདོད་པ་བསྟེན་པའི་ནུས་པ་མེད་པ་ལ་ཟ་མ་དང༌། ཡོད་ཀྱང་སྐྱོན་ཅན་ལ་མ་ནིང་ཟེར། 2 དབང་པོ་མེད་པ་ལ་ཟ་མ་དང༌། ཡོད་ཀྱང་ཉམས་པ་ལ་མ་ནིང༌། མཆིམས་མཛོད་གསུང༌། དེ་ནི་སྤྱིར་བཏང་པ་ཡིན་གྱི་དོན་དུ་ན་ཟ་མ་དང་མ་ནིང་ལ་མུ་གསུམ་ཡོད་དེ། མ་ནིང་ཡིན་ལ་ཟ་མ་མ་ཡིན་པའི་མུ་ནི། ཟླ་ཕྱེད་མ་ནིང་ལ་སོགས་པ་མ་ནིང་གཞན་རྣམས་ལྟ་བུ། ཟ་མ་དང་མ་ནིང་གཉིས་ཀ་ཡིན་པའི་མུ་ནི་སྐྱེས་ནས་མ་ནིང་ལྟ་བུ། གཉིས་ཀ་མ་ཡིན་པའི་མུ་ནི་ཤིན་ཏུ་མང༌། ཟ་མ་ཡིན་ལ་མ་ནིང་མ་ཡིན་པའི་མུ་ནི་མེད་དེ། ཟ་མ་ཡིན་ན་མ་ནིང་ཡིན་པས་ཁྱབ་པའི་ཕྱིར་རོ། །དེ་གཉིས་ཀྱི་ཁྱད་པར་འཕགས་པ་ཐོགས་མེད་ཀྱི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་༣༥ན༣ལས་ཀྱང་གསུངས་ཡོད་པས་དེར་བལྟ་བར་བྱའོ། །འདི་སྡེ་དགེ་བསྟན་འགྱུར་སེམས་ཙམ་གླེགས་བམ་༼ ཞི་པར ༽བཞུགས་སོ། །