7616

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟག་པ
Tibetan Definition 2 ཆགས་སོགས་ཉོན་མོངས་པ། སྒྲ་བཤད་ནི། འཁོར་བར་ཟག་པའམ་ལྷུང་བར་བྱེད་པའི་ཆ་ནས་ཟག་པ་ཞེས་བྱའོ། །བྱེ་བྲག་རྟོགས་བྱེད་ཆེན་པོ་༡༣༦བ༦ལས། ཟག་པ་ཞེས་བྱ་བ་ཉོན་མོངས་པའི་མིང་སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་མ་བྲལ་ན་སྲིད་པའི་རྩེ་མོ་མན་ཆད་ཀྱང་སླར་འཛག་ཅིང་ལྟུང་བས་ན་ཟག་པ་ཞེས་བྱ། ཞེས་གསུངས་པ་ལྟར་རོ། །ཡང་ན་གཟུགས་སོགས་སྐྱེ་མཆེད་དྲུག་པོ་ལས་ཟག་པའམ་སྐྱེ་བས་ན་ཟག་པ་ཞེས་བྱའོ། །ཕུང་པོ་ལྔའི་རབ་བྱེད་ལ་གཞི་བྱས། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས་ཀྱང་། དེ་ལ་ཟག་པ་ཞེས་བྱ་བའི་ངེས་པའི་ཚིག་ནི་སྲིད་པའི་རྩེ་མོ་མན་ཆད་ནས་མནར་མེད་པ་ཡན་ཆད་དུ་སྐྱེ་མཆེད་ (གཟུགས་ཀྱི་སྐྱེ་མཆེད་ནས་ཆོས་ཀྱི་སྐྱེ་མཆེད་བར་དྲུག) ཀྱི་རྨ་དྲུག་པོ་དག་ནས་འཛག་ཅིང་འབྱུང་བའམ་འཁོར་བར་གནས་པར་གྱུར་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །