From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཟངས་ཀྱི་ཐུར་མ་ཕྲ་མོ་ལྟ་བུའི་སྲིན་བུ
|
Tibetan Definition
|
ཟངས་ཀྱི་ཐུར་མ་འདྲ་བའི་འབུ་སྲིན་ཞིག་གི་མིང་སྟེ། ཟངས་ཀྱི་ཐུར་མ་དང་འདྲ་བའི་འབུ་དམར་པོ་རྐང་ལག་མང་པོ་ཅན་ཞིག་གི་མིང་ཡིན་པར་སེམས། འདི་ལ་སྲིན་ཁྲོལ་མ་ཡང་ཟེར། འདི་ལ་སྲིན་བུ་རྐང་མང་ཞེས་མིང་བཏགས་ན་འཐད། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། རི་དྭགས་ཤ་ར་བྷའི་རྐང་པ་ལྟ་བུ་ཅན་གྱི་སྲིན་བུ་དམར་པོ་ཅན་ཕྲ་མོ་ལ་ཟངས་ཀྱི་ཐུར་མ་ཕྲ་མོ་ཞེས་བྱའོ། །ཞེས་གསུངས་སོ། །འདུལ་བ་ལུང་ཕྲན་ཚེགས་༼ ཐ་པ ༽༡༣༠ན་༣ལས། དགའ་བོ་དེ་ལ་ནར་ནར་པོའི་རང་བཞིན་ཇི་ལྟ་བུ་ཞེ་ན། དགའ་བོ་དཔེར་ན་ཟངས་ཀྱི་ཐུར་མ་ཕྲ་མོའམ་སྲིན་ཁྲོལ་མ་ལྟ་བུ་སྟེ། ནར་ནར་པོ་ནི་དེ་ལྟ་བུའི་རང་བཞིན་དུ་འགྱུར་རོ། །ཞེས་གསུངས་སོ། །
|