From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ཟད་པར་གྱི་ཏིང་ངེ་འཛིན
|
| Tibetan Definition
|
ས་ཆུ་ལ་སོགས་པ་ཇི་ལྟར་འདོད་པ་ལྟར་ཁྱབ་པར་སྤྲོ་ནུས་ཤིང༌། སླར་ཡང་སྡུད་ནུས་པ་སོགས་ཀྱི་ཏིང་ངེ་འཛིན། ཟད་པར་སའི་ཏིང་ངེ་འཛིན་ལྟ་བུ་ལ་མཚོན་ན། ས་ཚྭ་སྒོ་ཅན་ལྟ་བུའང་སྣུམ་ཞིང་འདྲིལ་ལ་ཁོད་སྙོམས་པ་སོགས་ཇི་ལྟར་འདོད་པར་སྤྲོ་ནུས་པ་དང༌། ཟད་པར་ནམ་མཁའི་ཏིང་ངེ་འཛིན་ལ་མཚོན་ན། ནམ་མཁའ་ལ་འགྲོ་འོང་བྱེད་ནུས་པའི་ཏིང་ངེ་འཛིན་ཡིན་པ་ལྟ་བུའོ། །ཟད་པར་ནི། མ་ལུས་པར་ཁྱབ་པར་བྱེད་པ་དང་རྒྱས་པར་བྱེད་པའི་དོན་དུ་རྣམ་བཤད་སྙིང་རྒྱན་དུ་གསུངས།
|