7646

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟད་མི་སྐྱེ་ཤེས་པ
Tibetan Definition (མངོན་རྟོགས་རྒྱན) དྲི་མ་དོན་དམ་པར་སྐྱེ་འགག་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག (མཛོད) རང་རྒྱུད་ལ་དྲི་མ་ཟད་ཅིང་སླར་ཡང་མི་སྐྱེ་བར་ཤེས་པ། བདེན་བཞིའི་རྣམ་པ་བཅུ་དྲུག་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་པར་ཤེས་པ་ནི། ཟད་པ་ཤེས་པ་ཡིན་ལ། རྣམ་པ་དེ་དག་ཡོངས་སུ་ཤེས་ཏེ་དེ་ལས་ལྷག་པ་ཤེས་པར་བྱར་མེད་པར་རྟོགས་པ་ནི་མི་སྐྱེ་བར་ཤེས་པ་ཡིན་ནོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་དགྲ་བཅོམ་པའི་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བར་གྱུར་པས་རྣམ་པར་གྲོལ་བའོ། །ཞེས་གསུངས།