From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ཟབ་མོ་ལྟ་བརྒྱུད
|
| Tibetan Definition
|
ལམ་རིམ་གྱི་བླ་བརྒྱུད་ཅིག་སྟེ། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་གཡོན་ཕྱོགས་སུ་སྤྲོས་པའི་རྩེ་མོ་རྒྱ་ཇེ་ཆེར་སོང་བའི་སྟེང་དུ། སྟོན་པ་ཐུབ་པའི་དབང་པོ། རྗེ་བཙུན་འཇམ་པའི་དབྱངས། འཕགས་མཆོག་ཀླུ་སྒྲུབ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག་ཆེ་བ། རིག་པའི་ཁུ་བྱུག་གཉིས་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སོགས་སོ། །འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང༌། །ཟླ་བ་གྲགས་པ་རིགས་པའི་ཁུ་བྱུག་ཆེ། །སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་ཏེ། །ཟབ་མོ་ལྟ་བའི་བརྒྱུད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །དེ་ཡང་རྗེ་ཙོང་ཁ་པའི་ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ལས། སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག །རྒྱལ་བའི་མཁྱེན་རབ་ཀུན་བསྡུས་འཇམ་པའི་དབྱངས། །ཟབ་མོའི་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས། །སྨྲ་བའི་གཙུག་རྒྱན་གསུམ་ལ་གསོལ་བ་འདེབས། །ཞེས་སོགས་ལྟར་རོ། །
|