From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་ཞེས་སོགས
|
| Tibetan Definition
|
ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩིའི་ཆོས་ནི་བདག་གིས་ཐོབ་པར་གྱུར། །བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། །མི་སྨྲ་ནགས་འདབས་གནས་པར་བྱ་བ་སྙམ། །ཞེས་པའི་ཚིགས་བཅད་འདི་རྒྱ་ཆེར་རོལ་པའི་མདོའི་ཚིག་ཡིན་ཞིང་། ཟབ་པ་དང་། ཞི་བ། སྤྲོས་བྲལ། འོད་གསལ། འདུས་མ་བྱས་རྣམས་ནི་སྟོང་ཉིད་ཀྱི་མིང་གི་རྣམ་གྲངས་ཡིན་ལ། དེ་དག་སོ་སོའི་འགྲེལ་བཤད་ནི། དོན་རྟོགས་དཀའ་བས་ཟབ་པ། རྟོགས་ན་གདུང་བ་དང་འབྲལ་བས་ཞི་བ། མཚན་འཛིན་གྱི་དམིགས་གཏད་ཀྱིས་སྟོང་པས་སྤྲོས་པ་དང་བྲལ་བའོ། །གདོད་མ་ནས་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་འོད་གསལ་བ། རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་འདུས་མ་བྱས་པའོ། །གོང་གི་ཚིགས་བཅད་དེ་རྒྱ་ཆེར་རོལ་པའི་མདོ་༡༨༧བ༥ན་གསལ་ལོ། །
|