7707
Jump to navigation
Jump to search
ཟེ་ལངས་པ | |
Tibetan Definition | (འདུལ་བ) 1 འདོད་ཆགས་ལངས་པ། འདིའི་ཟེ་ཞེས་པ་ཕོ་མོའི་རྟགས་ལ་གོ་དགོས། བུ་ཡིན་ན་ཕོ་རྟགས་དང་། བུ་མོ་ཡིན་ན་བྱ་ལེ་ལ་གོ། རང་གི་རྣམ་བཤད་ལས། ཙབ་ཧྲལ་ལོ་ཞེས་བྱ་བ་ནི་ཤིན་ཏུ་མྱུར་བའི་འགྲོ་བ་དང་བརྟན་པ་ཉམས་པ་དང། བཙུན་སྤུ་ཉམས་ཤིང་བསྟན་པའི་གཞོལ་བ་ལ་ངོ་ཚ་མེད་པར་ཞུགས་ཤིང་ཟེ་ལངས་པར་གྱུར་ནས་ལུས་དང་ངག་གི་ལས་སོ། །ཞེས་གསུངས་པ་ལྟ་བུ། 2 རྟ་དྲེལ་གྱི་ཟེ་བའི་སྤུ་ལངས་པ་དང་། བྱ་པུ་ཤུད་ལྟ་བུའི་ཟེ་པྲོག་ལངས་པ་སོགས་ལ་ཟེར། |
---|