From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ཟོལ་འཇོག
|
| Tibetan Definition
|
ཤེས་ཀྱང་མ་ཤེས་པའི་ཟོལ་གྱིས་སྣང་མེད་དུ་འཇོག་པ། ངོས་ཤེས་གཏོང་བ། ངོ་དགའ་ཟོལ་འཇོག་ཅེས་པ་ལྟ་བུ། རྗེ་གུང་ཐང་པས་མཛད་པའི་སྒོ་མང་བློ་བཟང་ཆོས་དར་བའི་རྣམ་ཐར་ལས། འདི་ལ་ཕན་ཞིག་ཐོགས་ན་ཆོས་ཀྱི་བྱ་བའང་དེ་ལས་ལྷག་མི་འདུག་དགོངས་ཏེ་དྲ་གཞན་སུ་ལའང་ངོ་དགའ་ཟོལ་འཇོག་ཏུ་མ་སོང་བས་བསྒྲིག་གི་ཏིང་གནོན་འཆུན་ཆེ་ཞིང་ཚ་རན་སྙོམས་པ་གང་ལ་གང་འོས་བབ་མཚུངས་ལེ་ཤོར་མེད་པ་གནང༌། ཞེས་པ་ལྟ་བུ། བོད་རྒྱ་ཚིག་མཛོད་ཆེན་མོར། རྒྱ་ཡན་འཇོག་པའི་དོན་དུ་བཤད།
|