From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཟླ་གམ
|
Tibetan Definition
|
2 ཟླ་ཕྱེད་དང་དབྱིབས་མཚུངས་པའི་དགེ་འདུན་གྱི་ཚོགས་དབུས་སུ་གྱོན་རྒྱུའི་ན་བཟའི་རིགས་ཤིག འདི་ས་ལ་ཐེར་ཐེར་བྱས་ཏེ་བཀྲམ་ན་ཟླ་ཕྱེད་ཀྱི་དབྱིབས་ཐོན་པས་ཟླ་གམ་ཞེས་བཏགས། འདིའི་འགྲེལ་བཤད་རྒྱས་པར་སེར་བྱེས་མཁས་སྙན་གྲ་ཚང་གི་ཚོགས་གཏམ་ཆེན་མོར་གསལ། སྒྲ་བཤད་ནི། ལེགས་སྦྱར་གྱི་ “ཙནྡྲ་ཀཾ” ནི་རྒྱན་ཟླ་གམ་མམ་ཟླ་གམ་ཅན་གྱི་དོན་དུ་སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ན་གསལ་ལ། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་དེ་བསྒྱུར་བ་ན་ “ཙནྡྲ” ཞེས་པ་ཟླ་བར་བསྒྱུར་ནས། “ཀཾ” རང་སོར་བཞག་པ་དེ་ཉིད་ཕྱིས་ “གམ” ཞེས་ཚིག་ཟུར་ཅུང་ཟད་ཉམས་པ་ཡིན་ནམ་སྙམ་མོ། །ཡང་། “ཙནྡྲ་ཀ” ཞེས་ཐིག་ལེ་མེད་པ་དེ་ནི། ཟླ་བ་དང་། ཟླ་དབྱིབས་ལྟར་གོར་མོ། རྨ་བྱའི་སྒྲོའི་ཐིག་ལེ་དང་། སེན་མོ་སོགས་ལ་འཇུག་པར། Monier Williams Sanskrit-English Dictionary (2008 revision) ན་གསལ་ཞིང་། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས་ཀྱང་། ཟླ་གམ་དང་གཞན་ཡང་ནར་མོ་ལ་སོགས་པ་དང་རྨ་བྱའི་མདོངས། ཞེས་གསལ་ལོ། །
|