7764
Jump to navigation
Jump to search
འཁོན་འཛིན | |
Tibetan Definition | 2 ཁྲོས་པའི་ཡུལ་སེམས་ལ་མང་དུ་བྱེད་པའོ། །ཕུང་པོ་ལྔའི་རབ་བྱེད་ལས་གསུངས་སོ། །སྒྲ་བཤད་ནི། མདུད་པ་ལྟར་འཁོན་པའམ་ཐོགས་ཏེ་མི་བཏང་བར་ཞེ་རུ་དམ་དུ་འཛིན་པས་ན་འཁོན་འཛིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༡༠༥ན༡ལས། འཁོན་དུ་འཛིན་པ་ནི་ཁྲོས་པའི་འོག་ཏུ་འདིས་བདག་ལ་གནོད་པ་འདི་བྱས་སོ་ཞེས་ཤར་གཉེར་བའི་མདུད་པར་འཛིན་པ་མི་གཏོང་བའོ། །ཞེས་གསུངས་པ་ལྟར་རོ། ། |
---|