From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཁོབ་བལ
|
Tibetan Definition
|
(འདུལ་བ) ལུག་གི་མགོ་དང་རྐང་པ་དང་ལྟོ་བ་བཅས་ཀྱི་ངོས་སུ་སྐྱེས་པའི་བལ་གྱི་མིང་། བལ་འདི་རྒྱུ་ཞན་པའམ་དམན་པར་བརྩི། ཊཱི་ཀ་ལས། དཀར་པོ་བས་འཁོབ་བལ་ལྷག་པར་བྱེད་ན་ནི་ལྟུང་བ་མེད་དེ། །མོད་པ་དང་རིན་ཆུང་བའི་ཕྱིར་རོ། །འདིའི་མོད་པ་ཞེས་པ་ནི་མང་བའི་དོན་ནོ། །ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་འདུལ་བའི་ཊཱིཀ་ལས། ལུག་གི་མགོ་དང་། རྐང་པ་དང་། ལྟོ་བ་ནས་སྐྱེས་པ་ནི་ཕྱི་མ་འཁོབ་བལ་ཞེས་བྱའོ། །བདག་གི་བླ་མས་འཁོབ་བལ་གྲོ་བོའི་དོན་ཡིན་པའང་གསུངས་ལ། ལ་ལ་ལུས་ཀྱི་མཐར་ཡོད་པ་ལ་བསམ་པ་ཡིན་ཅེས་ཀྱང་ཟེར་ཏེ་རྒྱ་དཔེ་ལ་གཏུག་གོ །ཞེས་གསུངས་སོ། །
|