7771

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་གསུམ
Tibetan Definition 2 ཁས་བླངས་ནང་འགལ་གྱི་སྟོབས་ཀྱིས་རྟགས་གསལ་ཁྱབ་གང་ལའང་ལན་འདེབས་མི་ནུས་པར་གྱུར་པ་ལ་ཟེར། དཔེར་ན་སྒྲ་བྱས་པར་ཁས་བླངས། བྱས་ན་མི་རྟག་པས་ཁྱབ་པ་ཁས་བླངས། སྒྲ་རྟག་པར་ཁས་བླངས་པའི་གང་ཟག་དེ་ལ། སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་བཀོད་ན། རྒོལ་བ་དེས་སྒྲ་བྱས་པར་ཁས་བླངས་པས། གསལ་བ་ལ་འདོད་ལན་འདེབས་མི་ནུས། རྟག་ན་མ་བྱས་པས་ཁྱབ་པ་ཁས་བླངས་པས། ཁྱབ་པ་མ་གྲུབ་ཀྱི་ལན་འདེབས་མི་ནུས། སྒྲ་རྟག་པར་ཁས་བླངས་པས། རྟགས་མ་གྲུབ་ཀྱི་ལན་འདེབས་མི་ནུས་པས་འཁོར་གསུམ་ཁས་བླངས་ཟེར་བ་དེ་ལ་ཟེར་བ་ཡིན་ནོ། །