From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| འཁོར་གསུམ་ཡོངས་དག
|
| Tibetan Definition
|
<ཏྲི་མཎྜལ་པ་རི་ཤུདྡྷ> 1 འཁོར་གསུམ་ཡོངས་དག་ཅེས་པ་ནི། དཀྱིལ་འཁོར་གསུམ་ཡོངས་སུ་དག་པ་ཞེས་པའི་ཚིག་སྣ་བསྡུས་པ་སྟེ། ས་པཎ་གྱིས། ལུས་ལྷའི་དཀྱིལ་འཁོར་དང་། ངག་སྔགས་ཀྱི་དཀྱིལ་འཁོར། སེམས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་གསུམ་མོ། །ཞེས་གསུངས་པ་ལྟར་ཡིན་སྙམ། དེ་ཡང་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། འཁོར་གསུམ་ཡོངས་དག་ཅེས་བྱ་བ། །རྒྱ་སྐད་དུ་ནི་ཏྲི་མཎྜལ། །པ་རི་ཤུདྡྷ་ཞེས་བྱར་ཡོད། །ཏྲི་ནི་གསུམ་ཡིན་མཎྜལ། །ཞེས་བྱ་བོད་སྐད་དཀྱིལ་འཁོར་ཡིན། །པ་རི་ཤུདྡྷ་ཡོངས་དག་པ། །དྲང་པོར་བསྒྱུར་ན་དཀྱིལ་འཁོར་གསུམ། །ཡོངས་སུ་དག་པ་ཞེས་བྱར་འགྱུར། །མཁས་པ་རྣམས་ཀྱིས་སྒྲ་བསྡུས་ནས། །འཁོར་གསུམ་ཡོངས་དག་ཅེས་བྱར་བསྒྱུར། །དེ་ཡི་སྒྲ་དོན་མ་ཤེས་པར། །འཁོར་གསུམ་གཡོག་ཏུ་འཆད་པ་འཁྲུལ། །ཞེས་གསུངས་སོ། ། 2 བྱ་བྱེད་ལས་གསུམ་རང་བཞིན་གྱིས་སྟོང་པ་ལ། འཁོར་གསུམ་ཡོངས་དག་གམ་འཁོར་གསུམ་རྣམ་དག་ཟེར། དབུ་མ་ལ་འཇུག་པ་ལས། “སྦྱིན་པ་སྦྱིན་བྱ” “ལེན་པོ” “གཏོང་པོས” སྟོང་། །ཞེས་གསུངས་པ་ལྟར། སྦྱིན་བྱ་རྫས། ལེན་པོ་སློང་མོ་བ། གཏོང་པོ་སྦྱིན་བདག་བཅས་ཀྱི་འཁོར་གསུམ་པོ་རང་བཞིན་གྱིས་ཡོངས་སུ་དག་པའམ་སྟོང་པ་ལ། འཁོར་གསུམ་ཡོངས་དག་གམ་འཁོར་གསུམ་རྣམ་དག་ཟེར་བ་ཡིན་འདུག བསྔོ་བ་ལ་སྦྱར་ན། བསྔོ་བྱའི་རྫས། བསྔོ་ཡུལ། བསྔོ་བ་པོ་དང་གསུམ་རང་བཞིན་གྱིས་ཡོངས་སུ་དག་པ་སོགས་ཆོས་གཞན་ལའང་གོང་བཞིན་སྦྱར་བར་བྱའོ། །
|