7791
Jump to navigation
Jump to search
འཁོར་བ་འཇིག | |
Tibetan Definition | <ཀུཙྪུནྡ> སངས་རྒྱས་དཔའ་བོ་བདུན་གྱི་ཡ་གྱལ་ཞིག སྒྲ་བཤད་ནི། འཁོར་བ་འཇོམས་པར་བྱེད་པས་ན་དེ་སྐད་ཅེས་བྱ་སྟེ། བྱེ་བྲག་རྟོགས་བྱེད་འབྲིང་པོའམ་སྒྲ་སྦྱོར་བམ་གཉིས་༼ ཅོ་པ ༽༡༣༤བ༡ལས། ཀྲ་ཀུཙྪུནྡ་ཅེས་བྱ་བ། ཀྲ་ནི་ཀྲ་མ་སྟེ་འཁོར་བ། ཀུཙྪུནྡ་ནི། ཏི་ཀུང་ས་ཡ་ཏེ་ཞེས་བྱ་སྟེ། འཁོར་བ་འཇོམས་པའམ། སེལ་བ་ལ་བྱ་སྟེ། འཁོར་བ་འཇིག་ཅེས་བྱ། ཞེས་གསུངས་སོ། ། |
---|