7793

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་བསམ་པ
Tibetan Definition འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་ནི། སྡུག་བསྔལ་བརྒྱད་བསམ་པ། སྡུག་བསྔལ་དྲུག་བསམ་པ། སྡུག་བསྔལ་གསུམ་བསམ་པ་བཅས་ལ་ཟེར་ལ། འཁོར་བ་བྱེ་བྲག་གི་སྡུག་བསྔལ་བསམ་པ་ནི། དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་མ་ཡིན། ལྷ་བཅས་ཀྱི་འགྲོ་བ་རང་རང་གི་སྡུག་བསྔལ་བསམ་པ་ལ་ཟེར་རོ། །སྒྲ་བཤད་ནི། འགྲོ་བ་རིགས་དྲུག་པོ་ཐམས་ཅད་དམ་ཁམས་གསུམ་འཁོར་བ་སྤྱི་ལ་ཁྱབ་པའི་སྡུག་བསྔལ་ཡིན་པས་ན། འཁོར་བ་སྤྱིའི་སྡུག་བསྔལ་ཞེས་བྱ་ལ། འགྲོ་བ་རིགས་དྲུག་སོ་སོ་སྒེར་གྱི་སྡུག་བསྔལ་ཡིན་པས་ན་བྱེ་བྲག་གི་སྡུག་བསྔལ་ཞེས་བྱའོ། །