7804

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་རྣམ་བཞི
Tibetan Definition 1 སྟོན་པའི་འཁོར་རྣམ་པ་བཞི་སྟེ། དགེ་སློང་ཕ་མ་གཉིས་དང་། དགེ་བསྙེན་ཕ་མ་གཉིས་ཏེ་བཞིའོ། །འདིས་སྟོན་པའི་འཁོར་རབ་བྱུང་དང་ཁྱིམ་པ་གཉིས་ཀྱི་གཙོ་བོ་གཉིས་པོ་བསྡུས་སོ། །སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ་༼ ཉ ༽༡༡༨ན༢ལས། འཁོར་བཞི་པོ་དེ་དག་ཅེས་བྱ་བ་ནི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཏེ། འདི་ཙམ་ཁོ་ནས་གདུལ་བྱའི་སྐྱེ་བོ་གཙོ་བོ་ཀུན་ནས་བསྡུས་པའི་ཕྱིར་རོ། །ཞེས་གསུངས་སོ། །