From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཉིད
|
Tibetan Definition
|
གཞན་འགྱུར་བཞིའི་དང་པོ་ནི། ཉོན་མོངས་ཅན་ནམ། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པའི་ཆར་གཏོགས་གང་ཞིག ལུས་ཉམས་ཆུང་བ་དང་ངལ་བ་དང༌། ལྕི་བ་དང་མུན་པའི་མཚན་མ་ཡིད་ལ་བྱེད་པ་སོགས་གང་རུང་གི་རྒྱུ་ལ་བརྟེན་ནས་དབང་ཤེས་ཡུལ་ལ་འཇུག་པ་རང་དབང་མེད་པར་སྡུད་པར་བྱེད་པས་རབ་ཏུ་ཕྱེ་བའི་རིག་པའོ། །དཔལ་ལྡན་ཟླ་བས་མཛད་པར་གྲགས་པའི་ཕུང་པོ་ལྔའི་རབ་བྱེད་ལས། གཉིད་ནི་གང་རྣམ་པར་ཤེས་པའི་ཚོགས་ལྔ་འཇུག་པ་དང་འགལ་བའི་ཆོས་ཡིད་ཀྱི་རྣམ་པར་ཤེས་པ་སྡུད་པར་བྱེད་པའི་རྒྱུ་དེ་ནི་གཉིད་ཅེས་བརྗོད་དོ། །ཞེས་གསུངས་སོ། །
|