7842

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུར་འཇུག་གི་སྤང་པ
Tibetan Definition (འདུལ་བ) སྤང་ལྟུང་སུམ་ཅུའི་བཞི་པ། འཁྲུར་འཇུག་གི་སྤང་པའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཆོས་གོས་སམ་གདིང་བ་འཁྲུ་བ་ལ་སོགས་པ་བྱེད་དུ་འཇུག་ཅིང་ཕྱོགས་ལ་ལས་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དགེ་སློང་མ་སྦེད་མ་ལ་ཤམ་ཐབས་འཁྲུར་བཅུག་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པས་རྒྱུ་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །