786
Jump to navigation
Jump to search
གཉིད་ཆོས་སྐུ | |
Tibetan Definition | ཐ་མལ་པ་གཉིད་དུ་སོང་ནས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འཆར་བའི་ཐ་མ་འོད་གསལ་འདི་ལ་གཉིད་ཆོས་སྐུ་ཞེས་བྱ་སྟེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། གཉིད་ཀྱི་མགོ་བརྩམས་ནས་རྨི་ལམ་མ་ཤར་བའི་བར་ལ་སྟོང་པ་བཞི་འཆར་བའི་དང་པོ་གསུམ་སེམས་དམིགས་དང༌། བཞི་པ་འོད་གསལ་འདི་ལ་གཉིད་ཆོས་སྐུ་ཞེས་ཀྱང་བྱའོ། །ཞེས་གསུངས། |
---|