7861

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགལ་ཚབས་ཅན་དུ་འགྱུར་རོ
Tibetan Definition (འདུལ་བ) ལྟུང་བའམ་ཉེས་པ་དང་བཅས་པར་འགྱུར་རོ་ཞེས་པའི་དོན་ཡིན། དེ་འདྲའི་ལྟུང་བ་དེ་ལ་ལྟུང་བ་དངོས་གཞིའམ་སྦོམ་པོ་དང་ཉེས་བྱས་ཅི་རིགས་པ་ཡོད། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༦༢ ན༦ལས། འགལ་ཚབས་ཅན་ཞེས་བྱ་བ་ནི་ཁ་ཅིག་ཏུ་སྦོམ་པོའོ། །ཁ་ཅིག་ཏུ་དངོས་གཞིའོ། །ཞེས་གསུངས་སོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། འགལ་ཚབས་ཅན་ཞེས་བྱ་བ་ནི་ཉེས་པ་དང་བཅས་པ་སྟེ། ཉེས་བྱས་ཀྱི་ལྟུང་བ་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་སོ། །