7862

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགུགས་གཞུག་བཅིངས་མཉེས
Tibetan Definition འགུགས་ཞེས་པ་རང་གི་སྤྱི་བོར་གདན་དྲངས་པ། གཞུག་ཅེས་པ་རང་གི་ལུས་ལ་ཞུགས་པ། བཅིངས་ཞེས་པ་རང་དང་དབྱེར་མེད་དུ་འདྲེས་པ། མཉེས་ཞེས་པ་དགྱེས་པ་ཆེན་པོས་རང་དང་འབྲལ་མེད་དུ་བཞུགས་པའི་དོན་ཡིན་ནོ། །ཛ་ཧཱུྃ་བཾ་ཧོ་ཞེས་པ་དང་དོན་གཅིག འགུགས་གཞུག་བཅིངས་མཉེས་བཞི་སྟེ། ཛ་ཞེས་བརྗོད་པས་མི་ཐོག་ཏུ་མི་བརྩེགས་པ་ལྟར་ལྷ་རང་གི་སྤྱི་བོར་འགུགས། ཧཱུྃ་ཞེས་བརྗོད་པས་དངུལ་ཆུ་ལ་དངུལ་ཆུ་བཅུག་པ་བཞིན་དམ་ཚིག་པ་ལ་ཞུགས། བཾ་ཞེས་བརྗོད་པས་ཆུ་ལ་ཆུ་བཞག་པ་བཞིན་དམ་ཚིག་པ་དང་དབྱེར་མེད་དུ་བཅིངས། ཧོ་ཞེས་བརྗོད་པས་རྒྱལ་པོ་རང་གི་བློ་འབངས་རྣམས་ཀྱི་ནང་ནས་གང་ལ་ཐུགས་རྩིས་ཆེ་བ་དེའི་དབང་དུ་འགྱུར་བ་ལྟར་དགྱེས་པ་ཆེན་པོས་དམ་ཚིག་པ་དང་འབྲལ་མེད་དུ་བཞུགས་པར་བསམ་པའོ། །