From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འགོག་པའི་སྙོམས་འཇུག
|
Tibetan Definition
|
1 (སེམས་ཙམ་པ) སེམས་ཙམ་པས་ནི། ཚོར་འདུ་རགས་པ་འགོག་པའི་ཞི་བ་ལ་གནས་པར་བྱའོ་སྙམ་པའི་ཡིད་བྱེད་ཀྱི་ཀུན་ནས་བསླངས་ཏེ། ཅི་ཡང་མེད་པ་མན་ཆད་ལས་འདོད་ཆགས་དང་བྲལ་ཞིང་། སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་གང་ཞིག་འཇུག་ཤེས་དྲུག་འཁོར་བཅས་དང་། ཉོན་ཡིད་མངོན་གྱུར་འགགས་པས་རབ་ཏུ་ཕྱེ་བའི་ཀུན་གཞིའི་གནས་སྐབས་ལ་བཏགས་པའི་འདུ་བྱེད་ལ་འགོག་སྙོམས་སུ་འཇོག སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་ཞེས་པ་འཕགས་ལམ་ཐོབ་པར་བསྟན་ཏོ། །འཕགས་པ་རྣམས་ནི་མཐོང་ལམ་ཐོབ་མ་ཐག སྲིད་རྩེའི་མཐོང་སྤང་ཟད་པར་སྤོང་བས་སྲིད་རྩེ་ལས་གྱེན་དུ་བསྐྱོད་པ་ཞེས་བྱའོ། །
|