From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཉིད་ཆོས་སྐུ་དང་བསྲེ་བ
|
Tibetan Definition
|
བསྲེ་བ་སྐོར་དགུའི་བཞི་པ་དང་གཉིད་དུས་ཀྱི་བསྲེ་བ་གསུམ་གྱི་དང་པོ་ནི། སད་དུས་སུ་སྙིང་གར་ཞུགས་གནས་ཐིམ་གསུམ་བྱེད་པ་ལ་གོམས་པའི་གང་ཟག་གིས། གཉིད་དུ་འགྲོ་ཁར་རླུང་སྡུད་པའི་དམིགས་པ་བྱེད་ན། གཉིད་དུ་འགྲོ་བའི་ཚེ། ཡན་ལག་གི་རླུང་རྣམས་རང་ཤུགས་ཀྱིས་སྙིང་གར་འདུ་བའི་གནད་ཀྱིས་སྙིང་གར་རླུང་གཞན་པས་འདུ་ཚབས་ཆེ་བ་ཞིག་འོང་ཞིང༌། དེའི་དུས་སུ་རྨི་ལམ་གྱི་ལུས་གནས་ལ། དེའི་སྟོབས་ཀྱིས་གཉིད་དུ་སོང་བ་ན་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འཆར་ལ། དེའི་འོད་གསལ་གྱི་དུས་སུ་སྟོང་པ་ཉིད་ཀྱི་ལྟ་བ་དྲན་པར་བྱས་ནས་འོད་གསལ་ལ་ཇི་ཙམ་གནས་གནས་ཀྱི་བར་དུ་འཇོག་པ་ནི། གཉིད་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ་ཡིན་ནོ། །
|