7872
Jump to navigation
Jump to search
འགོང་བ | |
Tibetan Definition | (བྱེད་མེད་ལས་ཚིག་མ་འོངས་ད་ལྟ) འགོངས་པ་ནི་འདས་པ། 1 སྐྲག་པ། ཞུམ་པ། དཔེར་ན་མངོན་རྟོགས་རྒྱན་ལས། སེམས་མི་འགོང་བ་ཉིད་ལ་སོགས། །ཞེས་དང་། དེའི་ཐད་ཀྱི་རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་སྙིང་རྒྱན་ལས། སྟོང་ཉིད་ཟབ་མོའི་དོན་ལ་སེམས་མི་འགོང་ཞིང་མི་སྐྲག་པ་ཉིད་ལ་སོགས་པའི་ཐབས་ལ་མཁས་པ་དང་། ཞེས་གསུངས། 2 སྨད་པ། ཀླན་ཀ། རྗེའི་རྟེན་འབྲེལ་བསྟོད་པ་ལས། འདི་ལ་སུ་ཡིས་འགོང་བར་ནུས། །ཞེས་གསུངས་པ་ལྟར་རོ། ། |
---|